ཨུ་རུ་སིའི་ཕྱོགས་ཀྱིས་ཕུའུ་ཅིན་དང་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱི་གྲོས་མོལ་ནི་ཞི་བདེ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ལས་རིམ་གལ་ཆེན་ཞིག་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས2ཉིན་ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབས་པར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱི་མའོ་སི་ཁོའི་གྲོས་མོལ་ནི་ཞི་བདེ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ལས་རིམ་གལ་ཆེན་ཞིག་ཡིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་འདུམ་འགྲིག་བྱེད་པར་རྒྱལ་ཁ་ཐོབ་པར་རེ་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་བདེ་མངོན་འགྱུར་བྱེད་ཆེད་འབད་འབུངས་བྱེད་འདོད་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་སྨྱན་བྱད་ལ་བཤད་རྒྱུར། ཕུའུ་ཅིན་དང་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱི་གྲོས་མོལ་དེ་ཧ་ལམ་དུས་ཚོད་འགའི་རྗེས་སུ་མགོ་རྩོམ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།