ཕུའུ་ཅིན་གྱིས་ཡོ་རོབ་གླིང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིར་བཟོ་བཅོས་བྱས་པ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས2ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་གིས་ཨ་མེ་རི་ཁས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིར་བཟོ་བཅོས་བྱེད་རྩིས་བྱེད་པ་དང་ལེན་བྱེད་ཐབས་མེད་ཟེར།

ཕུའུ་ཅིན་གྱིས་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་མ་བྱས་གོང་རྣམ་འགྱུར་དེ་བསྟན་པ་རེད། ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝེ་ཐི་ཁི་ཧྥུའུ་ཁི་ལི་མུའུ་ལིན་ཕོ་བྲང་དུ་འབྱོར་ནས། ཕུའུ་ཅིན་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིར་གྲོས་བསྡུར་བྱེད་མགོ་བརྩམས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཡོ་རོབ་གླིང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞིར་བཟོ་བཅོས་བྱེད་རྩིས་བྱེད་པ་ནི་ཞི་བདེའི་འཕེལ་རིམ་ལ་བར་ཆད་བཟོ་ཆེད་ཡིན་ལ། བྱེད་ཐབས་དེ་རིགས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཞི་བདེ་འཕེལ་རིམ་ཉམས་དམས་སུ་བཏང་སྟེ་འགན་འཁྲི་ཚང་མ་ཨུ་རུ་སིའི་མགོར་འཇོག་འདོད་པ་རེད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་འཐབ་འཁྲུག་བྱེད་འདོད་མེད་པ་ཡང་དང་བསྐྱར་དུ་བསྐྱར་སྒྲོག་བྱས་ཡོད་ཀྱང་། གལ་ཏེ་ཡོ་རོབ་གླིང་གིས་གློ་བུར་དུ་འཐབ་འཁྲུག་བསླངས་ན། ཨུ་རུ་སི་ཡིས་དེར་རྒོལ་ལན་སྤྲོད་པའི་གྲ་སྒྲིག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།