ཨུ་རུ་སི་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས3ཉིན་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡི་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་བསྒྲགས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གནད་དོན་གཙོ་བོ་དེར་དམིགས་ནས་གྲོས་བསྡུར་བྱས་པ་ཁས་ལེན་བྱས།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉེ་བའི་གཟའ་འཁོར་འགའི་ནང་གི་གནས་ཚུལ་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གནས་བབ་དཔྱད་འཇོག་བྱེད་པ་ལྷག་ཏུ་འོས་ཤིང་འཚམ་པར་བྱས་ཡོད། དེ་ལས་ཐེངས་འདིའི་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་ལ་ཤུགས་རྐྱེན་མི་ཆུང་བ་ཐེབས་སྲིད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ནུས་པ་གང་ཡོད་བཏོན་ནས་དུས་ཡུན་རིང་བོའི་ཐག་གཅོད་ཇུས་གཞི་འགོད་འདོད་ཡོད་ལ། དོན་དངོས་སུ་ང་ཚོའི་དམིགས་འབེན་དང་ཡང་འཚམ་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱས་པ་ཙམ་ལས། ཨུ་རུ་སི་ཡིས་ཡོ་རོབ་གླིང་བར་གྱི་འབྲེལ་འདྲིས་རྣམ་འགྱུར་མི་བཟང་རྒྱུ་མེད་ཀྱང་། ཡོ་རོབ་གླིང་གིས་མཉམ་ལས་བྱེད་པར་ཁས་ལེན་བྱས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།