
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས3ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་དང་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀི་ནཱ་ཐའོ་ཧྥུའུ་གཉིས་ཀྱིས་ཉིན་དེར་པུའུ་ལུའུ་སེར་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གྲོས་མོལ་མཇུག་སྒྲིལ་རྗེས། ཝུའུ་ཁི་ལན་གྱི་འཐུས་མི་དག་ཨ་མེ་རི་ཁར་སོང་ནས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་འཐུས་མི་དང་མཉམ་དུ་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྩིས་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཡོ་རོབ་གླིང་གི་གྲོགས་པོར་ཝུའུ་ཁི་ལན་ཕྱོགས་ཀྱིས་རྒྱུས་ལོན་བྱུང་བའི་ཚེས་གཉིས་ཉིན་གྱི་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་གནས་ཚུལ་སྙན་ཞུ་བྱས་པ་དང་། ཕྱོགས་སོ་སོས་ཡོ་རོབ་གླིང་གི་དགོས་ངེས་ཀྱི་བདེ་འཇགས་སྒྲོམ་གཞིའི་ནང་གི་ནུས་པར་གྲོས་བསྡུར་བྱས་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། པུའུ་ལུའུ་སེར་ནས་གྲོས་མོལ་བྱས་རྗེས། ཝུའུ་མཱེ་ལོ་ཧྥུའུ་དང་ཀི་ནཱ་ཐའོ་ཧྥུའུ་གཉིས་ཀྱིས་ཨ་མེ་རི་ཁ་ནས་ཐི་ལིང་ཕུའུ་ཡི་འཐུས་མི་དང་གྲོས་མོལ་བྱེད་རྩིས་ཡོད་ཟེར། ཁོས་བསྟན་དོན། ངེས་པ་དོན་གྱི་ཞི་བདེ་མངོན་འགྱུར་བྱེད་ཆེད། ཝུའུ་ཁི་ལན་ཕྱོགས་ཀྱིས་སྔར་བཞིན་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།