དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཐུས་མིས་ཐད་ཀར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཐུས་མི་གཅིག་ལེ་པཱ་ནུན་དུ་མངག་ནས་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་བྱེད་དུ་བཅུག བྱ་སྤྱོད་དེ་ནི་དབྱི་སི་རལ་དང་ལེ་པཱ་ནུན་བར་འབྲེལ་བ་འཛུགས་པ་དང་། དཔལ་འབྱོར་མཉམ་ལས་བྱེད་པར་རྨང་གཞིར་གཏོང་བའི་ཐོག་མའི་ཚོད་ལྟ་ཙམ་ཡིན་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མ་ཡིན་པའི་མི་སྣས་ལོ་ངོ་བཅུ་འཕྲག་འགའི་རིང་སྤེལ་བའི་ཐད་ཀར་གྲོས་མོལ་ཐོག་མ་ཡིན་པ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྐྱེན་སྲོལ་གྱི་ཁག་ཅིག་ཡིན་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་དེ་ལེ་པཱ་ནུན་གྱི་ནཱ་ཁུའུ་ལཱ་ཡི་དབྱི་སི་རལ་གྱི་མཐའ་མཚམས་དང་ཉེ་བའི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སྤྱི་ཁྱབ་པུའུ་ནས་སྤེལ་བ་དང་། གྲོས་མོལ་ནང་ཞུགས་མཁན་ལ་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལོས་སི་ནེ་ཁི་དང་། ཨ་མེ་རི་ཁར་སྡོད་པའི་ལེ་པཱ་ནུན་གྱི་སྔོན་ཆད་ཀྱི་གཞུང་ཚབ་ཆེན་མོ་ཁཱ་ལཱ་མུའུ། ཨ་མེ་རི་ཁའི་ལེ་པཱ་ནུན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཨོ་ཨར་ཐཱ་ཀི་སི་བཅས་ཡོད་ཟེར།

བསྒྲགས་པ་ལྟར་ན། ལེ་པཱ་ནུན་ཕྱོགས་ཀྱིས་དེའི་སྔོན་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ལེ་པཱ་ནུན་གྱིས་དམག་དོན་མ་ཡིན་པའི་མི་སྣ་མངག་གཏོང་བྱེད་པར་འཐད་པ་འབྱུང་དགོས་པའི་རེ་བ་བཏོན་པས། ནེ་ཐཱ་ནི་ཡཱ་ཧུའུ་ལའང་ཨ་མེ་རི་ཁ་ཕྱོགས་ཀྱི་གནོན་ཤུགས་ཐེབས་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཀྱང་དེ་མཚུངས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཐག་བཅད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།