
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས3ཉིན་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས2027ལོའི་སྟོན་ཁ་ནས་བཟུང་ཨུ་རུ་སི་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པ་གཏན་འགོག་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིའི་འཐུས་མིས་གྲོས་མཐུན་བཀོད་དེ། རིམ་པ་བཞིན་དུ་ཨུ་རུ་སིའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་རྒྱུ་ཡིན་ཟེར། གྲོས་མཐུན་ལས་གཏན་འཁེལ་བྱས་དོན། ཨུ་རུ་སིའི་གཤེར་གཟུགས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པའི་བཀག་སྡོམ་བཀའ་རྒྱ་དེ2026ལོའི་ལོ་མཇུག་ནས་ནུས་ལྡན་དུ་འགྱུར་སྲིད་པ་དང་། སྦུག་ལམ་རང་བྱུང་སོལ་རླངས་ཀྱི་བཀག་སྡོམ་བཀའ་རྒྱ་དེ2027ལོའི་སྟོན་ཁར་ནུས་ལྡན་དུ་འགྱུར་སྲིད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏན་མག་གི་ནམ་ཟླ་དང་ནུས་ཁུངས། སྤྱི་བའི་ལས་དོན་གྱི་བློན་ཆེན་ཨོ་ཀའོ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཨུ་རུ་སིའི་རང་བྱུང་སོལ་རླངས་ལ་བརྟེན་པའི་སྣང་ཚུལ་མཇུག་སྒྲིལ་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱི་བདེ་འཇགས་ལ་ཤུགས་སྣོན་དང་ནུས་ཁུངས་མཁོ་འདོན་ལ་འགན་སྲུང་བྱེད་ཆེད། ཁོངས་གཏོགས་རྒྱལ་ཁབ་དག་དང་ཡོ་རོབ་གླིང་གྲོས་ཁང་གིས་མྱུར་མོར་གོང་གི་གྲོས་མཐུན་དེ་འགོད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།