
ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་པེ་སུན་ཐི་ཡིས་ཚེས2ཉིན་ཟླ12པའི་ཟླ་མགོར་ཨ་ཀིན་ཐིན་དུ་འཚམས་འདྲི་བྱེད་པའི་འཆར་གཞི་མེད་པར་བྱས། བྱ་སྤྱོད་དེ་ལས་ཨ་ཀིན་ཐིན་གྱི་སྨྱན་བྱད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་སེམས་ཁུར་བྱེད་བཞིན་ཡོད།
པེ་སུན་ཐི་ཡིས་ཆོད་དོན་དེ་ཁྱབ་བསྒྲགས་མ་བྱས་གོང་། ཨ་ཀིན་ཐིན་གྱི་སྲིད་འཛིན་མུས་ལའེ་ཡིས་ཟླ11པའི་ཚེས28ཉིན་ཨ་མེ་རི་ཁའི་འཚམས་འདྲི་གནས་སྐབས་སུ་མཚམས་བཞག་པ་ཁྱབ་བསྒྲགས་བྱས། མུས་ལའེ་ཡི་སྔོན་གྱི་འཆར་གཞི་ལྟར་ན། ཟླ12པའི་ཚེས5ཉིན་ཨ་མེ་རི་ཁའ་ཝ་ཧྲིན་ཐོན་ནས2026ལོའི་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། མའོ་ཞི་ཁོ་བཅས་ཀྱི་འཛམ་གླིང་རྟགས་མའི་བརྒྱན་ལེན་མཛད་སྒོར་ཞུགས་ཏེ་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་པ་རེད།
ཨ་ཀིན་ཐིན་གྱི་དངུལ་ལོར་ལས་རིགས་ཀྱི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཨ་ཀིན་ཐིན་རྒྱལ་ནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སེམས་ཁུར་བཻཡད་བཞིན་ཡོད་ཟེར། དབྱེ་ཞིབ་མི་སྣས་བསྟན་དོན། ཨ་ཀིན་ཐིན་གྱི་མེ་སྒོར་ཐེར་འབུམ་ལྔ་ཙམ་གྱི་དངུལ་བུན2026ལོའི་ཟླ་དང་པོར་དུས་ཡུན་ལོངས་པས། ཕྱི་ཕྱོགས་ཀྱི་དངུལ་གསོག་ལ་བརྟེན་ནས་ཕྱི་དངུལ་ཁ་གསབ་བྱེད་དགོས་ཡོད། པེ་སུན་ཐི་ཡིས་ཨ་ཀིན་ཐིན་གྱི་འཚམས་འདྲིའི་འཆར་གཞི་རྩིས་མེད་དུ་བཏང་བ་ལས་ཨ་ཀིན་ཐིན་སྲིད་གཞུང་ཨ་མེ་རི་ཁར་བརྟེན་དྲགས་པའི་ཉེན་ཁ་མངོན་པར་བྱས་ཡོད་ཟེར།
ཨ་མེ་རི་ཁའི་སྲིད་གཞུང་གིས་ཟླ10བར་ཨ་ཀིན་ཐིན་རྒྱལ་ཚོགས་ཀྱི་དུས་ཡུན་རིང་འབྲིང་གི་འདེམ་བསྐོའི་སྔོན་ལ་ཐད་ཀར་ཨ་ཀིན་ཐིན་གྱི་པུས་སོ་ཉོ་བསྡུ་བྱེད་རྒྱུ་ཁས་ལེན་བྱས་མྱོང་བར་མ་ཟད། ཨ་ཀིན་ཐིན་ཀྲུང་དབྱང་དངུལ་ཁང་གིས་མེ་སྒོར་ཐེར་ཆེན་གཉིས་ཀྱི་དངུལ་ལོར་མཉམ་བརྗེའི་སྒྲོམ་གཞིའི་གྲོས་མཐུན་བཀོད་ཡོད་ཀྱང་། མའོ་ཀིན་ཏཱ་ཐུང་དང་ཨ་མེ་རི་ཁའི་དངུལ་ཁང་སོགས་ཨ་མེ་རི་ཁའི་ཚོང་ལས་དངུལ་ཁང་གིས་ཉེ་སྔོན་ཁག་ཐེག་བྱེད་མཁན་མེད་པ་རྒྱུ་མཚན་དུ་བྱས་ནས་ཨ་ཀིན་ཐིན་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་མཚམས་བཞག་པ་རེད།
དབྱེ་ཞིབ་མི་སྣས་བཤད་རྒྱུར། ཨ་ཀིན་ཐིན་རྒྱལ་ཚོགས་ཀྱིས་མི་འགྱངས་པར་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། 2026ལོའི་སྔོན་རྩིས་འཆར་ཟིན་དང་ངལ་རྩོལ་བཅའ་ཁྲིམས་ཀྱི་བཅོས་བསྒྱུར་ལ་གྲོས་བསྡུར་བྱེད་རྒྱུ་རེད། གལ་ཏེ་སྐབས་ཐོག་འདིར་ཨ་མེ་རི་ཁ་ཕྱོགས་ཀྱི་མ་དངུལ་རྒྱབ་སྐྱོར་མེད་ན། མུས་ལའེ་སྲིད་གཞུང་འགྲན་རྩོད་གསར་བར་འཕྲད་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།