ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་འཕྲིན་གཏོང་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་མདུན་གྲལ་གྱི་ལག་རྩལ་དང་གསར་འགོད་པའི་བདེ་འཇགས་གཙོར་བཟུང་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་འཕྲིན་གཏོང་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས57པ་ཚེས3ཉིན་ཧེ་ནན་གྱི་པའོ་ཨོ་ནས་བསྡུས། ཚོགས་ཞུགས་འཐུས་མི་དག་གིས་མི་ཐབས་རིག་ནུས་དང་སྨྱན་བྱད་ཀྱི་ཚུལ་བསྒྱུར་ཏེ། གསར་གཏོད་དང་མི་ཆོས་ཞེས་པ་དང་། གསར་འགོད་པའི་མདུན་དུ་ལྷགས་པའི་གོ་ལ་ཧྲིལ་བོའི་འཇིགས་ཉེན་ཏེ་བདེ་འཇགས་འགན་སྲུང་ཞེས་པའི་གྲོས་གཞི་གཉིས་ལ་དམིགས་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས་པར་མ་ཟད། བརྡས་ཐག་བཅད་དེ་གསར་འགོད་པའི་བདེ་འཇགས་འགན་སྲུང་ལ་འབྲེལ་བའི་མཉམ་འབྲེལ་གསལ་སྒྲོག་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་ཟང་ཟིང་ཆེ་བའི་ས་ཁུལ་དུ་བྱ་བ་བྱེད་པའམ་དམག་དོན་འཁྲུག་རྩོད་ཀྱི་གནས་ཚུལ་སྒྲོག་པའི་གསར་འགོད་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གསར་འགོད་པར་སྲུང་སྐྱོབ་བྱེད་པ་ནི་ཆེད་ལས་སྨྱན་བྱད་ཀྱི་ལས་འགན་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཡིན་པ་ནན་བཤད་བྱས། གསལ་སྒྲོག་ལས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོའི་འཕྲིན་གཏོང་རྩ་འཛུགས་ཀྱི་ཁོངས་གཏོགས་ལས་ཁུངས་དག་གིས་མུ་མཐུད་དུ་དོན་དངོས་གསར་འགྱུར་བརྒྱུད་སྒྲོག་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། གསར་འགྱུར་གྱི་དངོས་ཡོད་རྩ་དོན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།