
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས4ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཏན་མག་གིས་ཝུའུ་ཁི་ལན་གྱི་ཆེད་དུ་དམག་ཆས་བཟོ་གྲྭ་བཙུགས་པ་ལས་ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་ཐད་འཇིགས་ཉེན་ཐེབས་པར་དམིགས་ནས་བྱེད་ཐབས་འོས་འཚམ་སྤྱོད་རྒྱུ་ཡིན་ཟེར། ཉེ་སྔོན་ཏན་མག་གི་རི་ཏི་ལན་ཕྱེད་གླིང་དུ་ཡོད་པའི་ཝུའུ་ཁི་ལན་གྱི་དམག་ཆས་ཁེ་ལས་ཀྱི་བཟོ་གྲྭ་ཞིག་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད།
ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་ཧྲིན་པུས་ཏི་པའོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འཇིགས་ཉེན་མེད་པར་གཏོང་རྒྱུ་ཡིན་ཟེར། ཁོས་མོས་བཤད་རྒྱུར། ཏན་མག་དང་ཨུ་རུ་སི་དགྲ་རུ་འཛིན་པའི་རྒྱལ་ཁབ་གཞན་པ་རེ་འགས་ཕྱི་འབྲེལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱ་བར་གཏོར་བརླག་གཏོང་རྩིས་བྱས་ཏེ། གནས་བབ་སྔར་ལས་ཛ་དྲག་དང་ཉེན་ཁ་ཅན་དུ་བསྒྱུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།