
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་གྱི་མགྲིན་ཚབ་པ་ལྦིན་སིན་ཐིག་མཱ་ཀི་ཝེ་ནེ་ཡཱ་ཡིས་ཚེས4ཉིན་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མ་སང་ལོར་ཨ་མེ་རི་ཁའི་མེད་ཨ་མུས་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་ཞུགས་རྒྱུ་མིན་ཟེར།
མཱ་ཀི་ཝེ་ནེ་ཡཱ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨ་མེ་རི་ཁས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ཡོད་ཚད་སླར་གསོ་བྱེད་རག་བར་དུ་ཨ་ཧྥེ་རི་ཁ་ལྷོ་མ་གནས་སྐབས་སུ་ཞུགས་རྒྱུ་མིན་ཟེར།
ཁོས་བཤད་རྒྱུར། སང་ལོའི་དུས་སྐབས་འདིར་དབྱིན་ཇི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་ལ། སྐབས་ཐོག་དེར་ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་སྤྱིའི་གྲོས་གཞི་གལ་ཆེན་ཐད་ནས་དོན་སྙིང་ཆེ་ཞིང་ངོ་བོ་ལྡན་པའི་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས1ཉིན། ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་ལྷོ་མའི་ཚབ་ཏུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། 2026ལོའི་ཟླ12པའི་ཚེས1ཉིན་དབྱིན་ཇི་ཡིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད།
དབྱེ་ཞིབ་ལས་བལྟས་ན། ཨ་མེ་རི་ཁས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ཨ་ཧྥེ་རི་ཁ་ལྷོ་མ་ཟབ་ཞུགས་མི་བྱེད་པའི་ཐབས་ལ་བརྟེན་ནས་རྩེ་ཚོགས་དང་བཅས་པའི་བྱ་འགུལ་གལ་ཆེན་ཚང་མར་ངོ་རྒོལ་བྱེད་ཀྱང་སྲིད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།