
ལག་རྡང་སྦྲེལ་ནས་བདེ་འཇགས་མཉམ་སྐྲུན་བྱེད་པ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་འགུལ་སྐྱོད་སྤེལ་བཞིན་ཡོད་ཅེས་པའི་དཔྱད་གླེང་ཚོགས་འདུ་ཚེས4ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་སྤེལ། རྒྱལ་ཁབ་མང་བོའི་གཞུང་ཚབ་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས། རིག་མཛོད་ཀྱི་སྨྱན་བྱད་འཐུས་མི་སོགས་དཔྱད་གླེང་ལ་ཞུགས།
ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་སོགས་ཀྱིས་མཉམ་དུ་སྤེལ་བ་རེད། ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་གོ་ལ་ཧྲིལ་བོའི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད་པ་དང་། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་བདེ་འཇགས་དར་རྒྱས་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་ལག་རྡང་སྦྲེལ་ནས་འཛམ་གླིང་ལ་སྔར་ལས་ལྷག་པའི་དྲང་ཕྱོགས་ནུས་ཚད་འདོན་སྤྲོད་བྱས་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།