གསེར་གྱོམ་རྒྱལ་ཁབ་ཀྱི་མི་དམངས་རྩེ་ཚོགས་ཐོག་མ་ལི་ཡའོ་ནས་གྲོལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

གསེར་གྱོམ་རྒྱལ་ཁབ་ཀྱི་མི་དམངས་རྩེ་ཚོགས་ཐོག་མ་ཚེས4ཉིན་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་ནས་གྲོལ། ཉིན་བཞིའི་གྲོས་ཚོགས་སྐབས་སུ། ཚོགས་ཞུགས་མི་སྣས་ཇི་ལྟར་དམངས་ཁྲོད་སྟོབས་ཤུགས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཁྲོད་ཀྱི་ཟབ་ཞུགས་ཀྱི་ཚད་རྒྱ་བསྐྱེད་དེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་མཉམ་དུ་གྲོས་བསྡུར་བྱས།

རྒྱལ་ཁབ21ནས་ཡོང་བའི་འཐུས་མི150ལྷག་གིས་དཔལ་འབྱོར་མཉམ་ལས་དང་ཕྱོགས་མང་རིང་ལུགས། སྣེ་མང་ཅན་གྱི་གྲུབ་ཚུལ་འཛུགས་སྐྲུན། གོ་ལ་ཧྲིལ་བོའི་བཅོས་སྐྱོང་འགྲན་རྩོད་ཐག་གཅོད་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཀྲུང་གོའི་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་བརྗེ་རེས་སྐུལ་འདེད་ཚོགས་པའི་དྲུང་ཡིག་གཞོན་པ་ཀྲུའུ་ཀོས་ཅེ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། དེང་སྐབས་འཛམ་གླིང་གི་སྣེ་མང་ཅན་མངོན་འགྱུར་བྱེད་པའི་དངོས་ཡོད་གནས་བབ་འོག གསེར་གྱོམ་རྒྱལ་ཁབ་ཀྱིས་གྲོས་མོལ་དང་མཉམ་ལས་དེ་སྔར་ལས་འདྲ་མཉམ་དྲང་བདེན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་བར་གྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་གལ་འགངས་ཧ་ཅང་ཆེ། གསེར་གྱོམ་རྒྱལ་ཁབ་ཀྱི་དམངས་ཁྲོད་སྤྱི་ཚོགས་ཀྱིས་དམངས་ཁྲོད་སྤྱི་ཚོགས་གླེང་སྟེགས་རྐྱེན་སྲོལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་གསེར་གྱོམ་སྙིང་སྟོབས་ལག་བསྟར་བྱས་ཏེ། གསེར་གྱོམ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་དམངས་ཁྲོད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

པཱ་ཞིའི་སྔོན་ཆད་ཀྱི་སྲིད་འཛིན། གསེར་གྱོམ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མགོ་བ་ལོ་སེ་ཧྥུའུ་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་གསེར་གྱོམ་རྒྱལ་ཁབ་མི་དམངས་ལ་ཐོག་དང་པོར་སྲིད་གཞུང་བར་གྲོས་མོལ་བྱེད་པའི་རྒྱུན་འཛུགས་ཅན་གྱི་ཐབས་ལམ་ཞིག་ཐོག་མར་ཡོད་པར་གྱུར་བ་རེད་ཟེར། ཁོ་མོས་ཚོགས་ཞུགས་མཁན་ལ་བཤད་རྒྱུར། ང་ཚོ་ནི་ལྟད་མོ་བ་མིན་པར། ང་ཚོས་བསྐྲུན་འདོད་པའི་མ་འོངས་པའི་གསར་གཏོད་མཁན་ཡིན་ཟེར།

གསེར་གྱོམ་རྒྱལ་ཁབ་ཀྱི་མི་དམངས་རྩེ་ཚོགས་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་དམངས་ཁྲོད་ལས་འཛིན་ལྷན་ཚོགས་ཀྱི་གྲོས་རིམ་ཞིག་ཡིན་པ་དང་། ལས་འཛིན་ལྷན་ཚོགས་དེ་ནི2024ལོར་ཨུ་རུ་སིའི་ཁཱ་ཧྲན་ནས་བསྡུས་པའི་གསེར་གྱོམ་གྱི་རྩེ་ཚོགས་སྟེང་བཙུགས་པ་ཡིན་ལ། གསེར་གྱོམ་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ཚོགས་ཁག་དང་སྲིད་ཏང་། ཤེས་ལྡན་མི་སྣ། མཁས་པ་སོགས་འདུས་ཡོད་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་དམངས་ཁྲོད་བརྗེ་རེས་རྐྱེན་སྲོལ་ཞིག་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།