མཱ་ཁི་ལུང་ལོན་ཏོན་དུ་སོང་ནས་དབྱིན་ཇི་དང་འཇར་མན། ཝུའུ་ཁི་ལན་བཅས་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་དཔྱད་འཇོག་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས6ཉིན་སྨྱན་བྱད་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཁོ་རང་ཚེས༨ཉིན་ལོན་ཏོན་དུ་སོང་ནས། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ། འཇར་མན་གྱི་ཙུང་ལི་མའོ་ཚི་བཅས་དང་ཐུག་འཕྲད་བྱས་ཏེ། མཉམ་དུ་མིག་སྔའི་ཝུའུ་ཁི་ལན་གྱི་གནས་བབ་དང་། དེ་མིན་ཨ་མེ་རི་ཁའི་བར་འདུམ་སྒྲོམ་གཞིའི་འོག་ཞི་བའི་གྲོས་མོལ་བྱེད་པར་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བ་དེ་ཡོ་རོབ་གླིང་ཧྲིལ་བོའི་བདེ་འཇགས་ལ་འབྲེལ་བ་ཡོད་པས། ཡོ་རོབ་གླིང་གིས་མུ་མཐུད་དུ་ཨ་མེ་རི་ཁ་དང་མཉམ་དུ་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།