
ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཚེས6ཉིན་ཏའོ་ཧཱ་གླེང་སྟེགས་ལ་ཞུགས་སྐབས་བསྟན་དོན། ལཱ་ཧྥ་རྒྱུ་ལམ་དེ་ཕཱ་ཁི་སི་ཐན་གྱི་མི་རྣམས་མཐར་སྐྲོད་གཏོང་སའི་རྒྱུ་ལམ་དུ་འགྱུར་མི་སྲིད་ལ། དེ་ནི་ཆེས་མ་མཐའི་ཚད་མཐའ་ཡིན་ཟེར།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བགྲོད་སའི་རྒྱུ་ལམ་ཚང་མ་སྒོ་འབྱེད་བྱས་ཏེ། མི་ཆོས་རིང་ལུགས་དང་སྨན་བཅོས་རོགས་སྐྱོར་ཡོང་བར་ཆོག་མཆན་འགོད་དགོས་པའི་ཚུལ་བསྟན། ཁོས་ད་རུང་གང་མགྱོགས་སྒོས་ཅཱ་ཧྲ་ས་ཁུལ་དུ་རྒྱལ་སྤྱིའི་གཏན་འཇགས་དམག་དཔུང་བཀོད་སྒྲིག་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།