
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས8ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཉེ་སྔོན་ཝུའུ་ཁི་ལན་བར་གྱི་བྱ་བའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་དགོས་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་བཅས་ཀྱིས་ཚེས2ཉིན་མའོ་སི་ཁོ་ནས་བྱེ་བྲག་གི་ནང་དོན་ལ་གྲོས་མོལ་བྱས། ཨ་མེ་རི་ཁ་ཕྱོགས་ཀྱིས་མའོ་སི་ཁོ་ཡི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་དམིགས་ནས། ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་བར་བྱ་བ་སྤེལ། ད་ལྟ་ང་ཚོ་ལ་མཚོན་ན། ཆེས་གལ་ཆེ་བ་ནི་བྱ་བ་དེའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན་ཟེར།
ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས6ཉིན་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མེད་ཨ་མུས་ནས་ཉིན་གསུམ་གྱི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་མངའ་ཁོངས་དང་བདེ་འཇགས་འགན་སྲུང་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།