གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་མཐུན་ཚན་ཆུང་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་དངོས་སུ་བཙུགས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་མཐུན་ཚན་ཆུང་གི་ལས་གཉེར་མགོ་རྩོམ་པའི་གྲོས་ཚོགས་ཚེས9ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་མཐུན་ཚན་ཆུང་དངོས་སུ་བཙུགས།

ཉིན་དེར་འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཡོང་བའི་སྲོལ་འབྱེད་ཁོངས་གཏོགས་རྒྱལ་ཁབ40ལྷག་ནས་ཡོང་བའི་འཐུས་མི་ཚོགས་འདུར་ཞུགས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་པའོ་ཚོན་གྱིས་ཚོགས་ཐོག་ནས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་མཛའ་མཐུན་ཚན་ཆུང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།