
ཅེ་ཁིའི་སྔོན་ཆད་ཀྱི་ཙུང་ལི། སྤྱི་དམངས་འགུལ་སྐྱོད་ལ་མི་དགའ་བའི་ཏང་གི་འགོ་ཁྲིད་པ་པཱ་པུས་ཧྲི་ཚེས9ཉིན་ཙུང་ལིའི་བཞུགས་ཤག་ནས་དངོས་སུ་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱས།
པཱ་པུས་ཧྲི་ཡིས་འགོ་ཁྲིད་པའི་སྤྱི་དམངས་འགུལ་སྐྱོད་ལ་མི་དགའ་བའི་ཏང་ལ་ད་ལོའི་ཟླ10བའི་ཟླ་མགོར་ཅེ་ཁིའི་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། དེའི་རྗེས་སུ་རང་དབང་དང་ཐད་ཀར་དམངས་གཙོ་ཏང་དང་རང་ཉིད་བསམ་པའི་ཁ་ལོ་བསྒྱུར་མཁན་ཞེས་པའི་ཏང་བར་མཉམ་འབྲེལ་སྲིད་འཛིན་གྱི་གྲོས་མཐུན་བཀོད་དེ། ཏང་ཁག་གསུམ་གྱི་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པར་འཐད་པ་བྱུང་།
མིག་སྔར་ཏང་ཁག་གསུམ་གྱིས་ཆེས་མཇུག་མཐའི་ནེ་ཀིའི་ཁོངས་མིའི་མིང་ཐོ་གཏན་འཁེལ་བྱས་པ་དང་། ནེ་ཀིའི་ཁོངས་མི་གསར་བ་དག་འདིའི་རྗེས་སུ་ཙུང་ཐུང་གིས་བསྐོ་འཇོག་བྱེད་རྒྱུ་རེད།
ཙུང་ལི་ཡི་འགན་ཁུར་བའི་ཐད་ཀྱི་ཁེ་སྤོགས་གནད་དོན་ཐག་གཅོད་བྱེད་ཆེད། པཱ་པུས་ཧྲི་ཡིས་གཟའ་འཁོར་སྔོན་མར་ཁོས་བཙུགས་པའི་ཨེ་ཀི་ཧྥུའུ་སྡེ་ཚོགས་ཀྱི་མ་རྐང་འཛིན་མི་སྲིད་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཁོས་སྡེ་ཚོགས་དེའི་མ་རྐང་ཚང་མ་ཡིད་རྟོན་ལས་བཅོལ་ལ་དོ་དམ་བྱེད་པར་སྤྲོད་རྒྱུ་ཡིན་ཟེར།
པཱ་པུས་ཧྲི་ཡིས2017ལོ་ནས2021ལོའི་བར་ཅེ་ཁིའི་ཙུང་ལིའི་འགན་ཁུར་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།