
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས9ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དམིགས་འབེན་ལ་ཀྲིན་ཀྲུའུ་ཏང་གི་ཧྲག་དམག་ལཱ་ཏི་ཝན་དམག་དཔུང་གི་སྦྱོང་བརྡར་རྟེན་གཞི་ཞིག་དང་སྒྲིག་ཆས་གཞན་པ་འདུས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་སྒྲིག་ཆས་དེ་དག་བཀོལ་ནས་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་འཆར་འགོད་བྱེད་བཞིན་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས8ཉིན་གྱི་དགོང་མོར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་རི་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་འགའ་སྤེལ་བ་དང་། ཅཱ་པཱ་ཨ་གྲོང་རྡལ་ས་ཁུལ་གྱི་ཁང་བ་མང་བོར་གཏོར་བཤིག་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།