ཁོང་གོ་ཅིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཤར་ཕྱོགས་ཀྱི་གྲོང་རྡལ་གཙོ་བོ་ཝུའུ་ཝེ་ལཱ་བཙན་བཟུང་བྱས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཁོང་གོ་ཅིན་གྱི་ཨོ་ཁཱ་ཕིས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས10ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ M23ལས་འགུལ་གྱིས་ཁོང་གོ་ཅིན་ཤར་ངོས་ཀྱི་ཅི་ཝུའུ་ལྷོ་མ་ཞིང་ཆེན་གྱི་གྲོང་རྡལ་གཙོ་བོ་ཝུའུ་ཝེ་ལཱ་བཙན་བཟུང་བྱས་ཟེར།

བསྒྲགས་པ་ལྟར་ན། M23ལས་འགུལ་གྱི་དྲག་ཆས་མི་སྣ་ཚེས10ཉིན་གྱི་སྔ་དྲོར་ཝུའུ་ཝེ་ལཱ་གྲོང་ཁུལ་དུ་ཡོང་བ་དང་། M23ལས་འགུལ་གྱི་མགྲིན་ཚབ་པ་ཁཱ་ཉིག་ཁཱ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཝུའུ་ཝེ་ལཱ་གྲོང་རྡལ་དྲག་ཆས་རྩ་འཛུགས་དེས་བཅིངས་འགྲོལ་བཏང་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཝུའུ་ཝེ་ལཱའི་མིག་སྔའི་གནས་བབ་ལ་དམིགས་ནས། པུའུ་ལུང་ཏིས་ཀྱིས་ཁོང་གོ་ཅིན་བར་གྱི་རྒྱལ་མཚམས་བཀག་སྡོམ་བྱས་ཡོད་ཟེར།

ཁོང་གོ་ཅིན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཡཱ་ཡཱ་ཡིས་ཚེས9ཉིན་གྱི་དགོང་མོར་བཤད་རྒྱུར། ཁོང་གོ་ཅིན་སྲིད་གཞུང་གིས་ཝུའུ་ཝེ་ལཱའི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཝུའུ་ཝེ་ལཱ་དང་འདབས་འབྲེལ་དུ་ཡོད་པའི་པུའུ་ལུང་ཏིས་ནི་ས་ཁུལ་གྱི་ཉོ་ཚོང་ལྟེ་གནས་གཙོ་བོ་ཞིག་ཡིན། M23ལས་འགུལ་གྱིས་ད་ལོའི་ཟླ་གཉིས་པར་ཅི་ཝུའུ་ལྷོ་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ཁཱ་ཝུའུ་བཙན་བཟུང་བྱས་རྗེས། ཝུའུ་ཝེ་ལཱ་ཡིས་ཞིང་ཆེན་དེའི་གནས་སྐབས་ཀྱི་སྲིད་འཛིན་ལྟེ་གནས་ཀྱི་འགན་ནུས་ཁུར་དུ་བླངས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།