
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས10ཉིན་ཨུ་རུ་སིའི་གྲོས་ཁང་གོང་མ་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་ཕྱི་འབྲེལ་རོགས་ལས་ནི་གོ་ལ་ཧྲིལ་བོ་གཏན་འཇགས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ས་ཁུལ་གླེང་སྐབས། ངས་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་དམིགས་བསལ་དོན་སྙིང་དམིགས་སུ་བཀར་ནས་སྟོན་འདོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་ཕྱི་འབྲེལ་རོགས་ལས་ནི་གོ་ལ་ཧྲིལ་བོ་གཏན་འཇགས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཟེར།
ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་ཕ་རོལ་བས་སྤེལ་བའི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་བྱེད་པའི་དགའ་སྟོན་ལ་ཞུགས་པ་དང་། དེ་ལས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་དུས་རབས་སྔོན་མའི་དོན་ཆེན་རེ་འགའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། དེ་ལས་དེང་སྐབས་ཀྱི་འཛམ་གླིང་གི་རིག་གནས་དང་དཔལ་ཡོན་སྣ་མང་ཅན་མངོན་པར་བྱས་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་རྒྱུག་རྩ་དོན་དང་གསེར་གྱོམ་རྒྱལ་ཁབ་གཅིག་འདྲ་ཡིན་ལ། སྣེ་མང་འཛམ་གླིང་གི་སྒྲོལ་སྲོལ་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།