
འཇར་པན་གྱི་འགོག་སྲུང་པུའུ་ཡིས་ཚེས11ཉིན་བསྒྲགས་པ་ལྟར་ན། འཇར་པན་གྱི་མཁའ་འགྲུལ་རང་སྲུང་རུ་ཁག་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས10ཉིན་འཇར་པན་མཚོ་ཁོངས་ཀྱི་བར་སྣང་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། བསྡོམས་པས་གནམ་གྲུ8སྦྱོང་བརྡར་ལ་ཞུགས་ཡོད་ཟེར།
བསྒྲགས་པ་ལྟར་ན། མཁའ་འགྲུལ་རང་སྲུང་རུ་ཁག་གིས F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསུམ་དང F-15རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསུམ་མངག་གཏོང་བྱས་ཡོད་ལ། ཨ་མེ་རི་ཁའི་དམག་དཔུང་གིས B-52རྟགས་ཅན་གྱི་འགས་གཏོར་གནམ་གྲུ་གཉིས་མངག་གཏོང་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།