
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་སྔོན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དམིགས་འབེན་མང་བོར་ཆམ་ཕབ་བཏང་བ་དང་། དེའི་ནང་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་ཧྲག་དམག་ལཱ་ཏི་ཝན་དམག་དཔུང་གི་སྦྱོང་བརྡར་རྟེན་གཞི་ཞིག་ཀྱང་འདུས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆས་མི་སྣས་རྟེན་གཞི་དེར་དྲག་ཆས་སྦྱོང་བརྡར་དང་མདའ་འཕེན་སོགས་དམག་དོན་སྦྱོང་བརྡར་དང་ལེན་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་འཆར་འགོད་དང་ལག་བསྟར་བྱེད་བཞིན་ཡོད། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་བྱ་སྤྱོད་དེ་དབྱི་སི་རལ་དང་ལེ་པཱ་ནུན་གྱིས་བཀོད་པའི་གྲོས་མཐུན་དང་འགལ་ཡོད་ལ། དབྱི་སི་རལ་གྱི་བདེ་འཇགས་ཐད་འཇིགས་ཉེན་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།