ཁམ་ཕུ་ཀྲེ་དང་ཐེ་གོའི་འགོ་ཁྲིད་པས་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཚེས13ཉིན་གྱི་ཞོགས་པར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་སྔ་གཞུག་ཏུ་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ལ་ཁ་པར་བཏང་སྟེ། ཁམ་ཕུ་ཀྲེ་དང་ཐེ་གོའི་འཁྲུག་རྩོད་མཚམས་འཇོག་པར་ཇི་ལྟར་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱས་པ་དང་། ཁམ་ཕུ་ཀྲེ་དང་ཐེ་གོ་ཡིས་རྒྱལ་ཁབ་གཉིས་ཀྱི་ཞི་བདེའི་མཉམ་འབྲེལ་གསལ་སྒྲོག་ཡང་བསྐྱར་དངོས་འབེབས་བྱེད་པར་སྐུལ་མ་བཏང་ཟེར།

ཐེ་གོའི་ལྟ་སྐྱོང་ཙུང་ལི་ཨ་ནོའུ་ཐིན་གྱིས་ཚེས12ཉིན་གྱི་དགོང་མོར་བསྟན་དོན། ཁོས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་ཐེ་གོ་དང་ཁམ་ཕུ་ཀྲེའི་མཐའ་མཚམས་འཁྲུག་རྩོད་ཐད་ནས་ཁ་པར་གྲོས་མོལ་བྱས་ཟེར། ཨ་ནོའུ་ཐིན་གྱིས་དེའི་སྔོན་བསྟན་དོན། ཐེངས་འདིའི་ཁ་པར་གྲོས་མོལ་ལས་ཕྱོགས་གཉིས་ཀྱིས་མཐའ་མཚམས་འཁྲུག་རྩོད་ཀྱི་འབྲེལ་ཡོད་གནས་ཚུལ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་ཙམ་ལས་གྲོས་མོལ་བྱས་མེད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཐེ་གོའི་ལྟ་སྐྱོང་ཙུང་ལི་ཨ་ནོའུ་ཐིན་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་གཉིས་བར་ཁ་པར་གྲོས་མོལ་བྱ་པ་དང་། རྒྱལ་ཁབ་དེ་གཉིས་ཀྱི་འགོ་ཁྲིད་པས་ཉིན་དེའི་དགོང་མོ་ནས་བཟུང་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།