ཨིག་ལི་ཐི་ལི་ཡཱ་ཡིས་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཨིག་ལི་ཐི་ལི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེ་ཨ་ཧྥེ་རི་ཁ་གླིང་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། 2005ལོའི་ཚུན་ལ། ཨ་ཧྥེ་རི་ཁ་གླིང་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་ས་ཁུལ་རང་གི་མི་དམངས་ཀྱི་རེ་འདུན་བསྐང་མི་ཐུབ་པར་མ་ཟད། ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ནས། ཁོངས་གཏོགས་རྒྱལ་ཁབ་གང་རུང་དང་ཁྱད་པར་དུ་ཨིག་ལི་ཐི་ལི་ཡཱ་ལ་དམིགས་པའི་ཡོ་བྱད་ལྟ་བར་གྱུར་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། ཨིག་ལི་ཐི་ལི་ཡཱ2007ལོར་ཨ་ཧྥེ་རི་ཁ་གླིང་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ལས་ཕྱིར་བུད་མྱོང་ཡང་། 2023ལོའི་ཟླ6པར་ཡང་བསྐྱར་ཞུགས་པ་རེད།

ཨ་ཧྥེ་རི་ཁ་གླིང་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་དེ1996ལོར་བཙུགས་པ་དང་། ཅི་པུའུ་ཐིས་དང་ཨིག་ལི་ཐི་ལི་ཡཱ། ཨེ་ཙེ་ཨོ་ཕི་ཡཱ། ཁུན་ནེ་ཡཱ། སོ་མཱ་ལི། སུའུ་ཏན་ལྷོ་མ། སུའུ་ཏན། ཝུ་ཀན་ཏཱ་བཅས་ཁོངས་གཏོགས་རྒྱལ་ཁབ8ཡོད་ལ། རྩ་འཛུགས་ནང་ཁུལ་གྱི་ཞི་བདེ་དང་དར་རྒྱས། ས་ཁུལ་གྱི་གཞི་གཅིག་ཅན་བཅས་མངོན་འགྱུར་བྱེད་པར་དམིགས་ཡོད་པ་དང་། རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་ཅི་པུའུ་ཐིས་ན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།