ཝུའུ་ཁོ་ལན་དང་ཨ་མེ་རི་ཁ། ཡོ་རོབ་གླིང་བཅས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་ལས་རོགས་པས་བརྙན་རིས་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཝུའུ་ཁོ་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཚེས12ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ། ཡོ་རོབ་གླིང་བཅས་ཀྱི་རྒྱལ་ཁབ་འགོ་ཁྲིད་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པས་ཉིན་དེར་བརྙན་རིས་གྲོས་མོལ་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞི་སོགས་གྲོས་གཞིར་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱས།

ཝུའུ་མཱེ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ལངས་ཕྱོགས་མཐུན་སྦྱོར་དང་བདེ་འཇགས་གནད་དོན། དེ་མིན་ཨུ་རུ་སི་དང་ཝུའུ་ཁོ་ལན་གྱི་ཞི་བདེའི་འཆར་གཞི་གཏན་འབེབས་བྱེད་པའི་རྗེས་མཐུད་ཀྱི་ལས་རིམ་ཐད་ནས་གྲོས་བསྡུར་བྱས། ཁོས་ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ལ་གྲོས་མོལ་གྱི་གནས་ཚུལ་སྙན་ཞུ་བྱས་ཡོད་ཟེར།

ཝུའུ་མཱེ་ལོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་རྒྱལ་སྲུང་བྱ་བའི་ཚན་ཆུང་ཞིག་འཛུགས་པར་གྲ་སྒྲིག་བྱེད་པ་དང་། ཡོ་རོབ་གླིང་གིས་ཝུའུ་ཁོ་ལན་གྱི་བདེ་འཇགས་འགན་སྲུང་ལ་དམིགས་པའི་བྱེ་བྲག་གི་བྱ་བ་སྤེལ་རྒྱུ་རེད། དེ་ལས་གཞན་ཝུའུ་ཁོ་ལན་གྱི་ཙུང་ལི་སི་ཝེ་ལི་ཅན་ཁི་ཡིས་འགོ་ཁྲིད་པའི་སྲིད་གཞུང་འཐུས་ཚབ་ཚོགས་པ་ཨ་མེ་རི་ཁར་འབྱོར་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཅང་མི་འགོར་བར་ཉིག་ཡོ་ནས་ཝུའུ་ཁོ་ལན་གྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས། དངུལ་གཏོང་བཅས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཝུའུ་མཱེ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁོ་ལན་ཕྱོགས་ཀྱི་དམིགས་འབེན་ནམ་ཡང་འགྱུར་མྱོང་མེད་པ་དང་། མྱུར་མོར་འཐབ་འཁྲུག་དངོས་སུ་མཇུག་སྒྲིལ་བ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ལ། ཞོར་དུ་ཝུའུ་ཁོ་ལན་ཕྱོགས་ཀྱིས་དྲང་བདེན་དང་ཞི་བདེ། བདེ་འཇགས། སླར་གསོ་བཅས་ཀྱི་བྱེད་ཐབས་སྣ་ཚོགས་གཏན་འབེབས་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།