
ཁམ་ཕུ་ཀྲེའི་ནང་སྲིད་པུའུ་ཡིས་ཚེས13ཉིན་གསར་འགྱུར་སྤེལ་ཏེ། ཐེ་གོའི་བར་གྱི་མཐའ་མཚམས་རྒྱུ་ལམ་ཚང་མ་བརྡ་ཐོ་གཏོང་རག་བར་དུ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་ཐེ་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེའི་བདག་དབང་ལ་གནོད་པ་བཟོས་ཏེ་ཁམ་ཕུ་ཀྲེའི་མི་སེར་དཀྱུས་མར་ཤི་རྨས་བཟོས་པ་དང་། སྡོད་དམངས་འདུས་སྡོད་ཁུལ་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་ཡོད། དེར་དམིགས་ནས་མིག་སྔར་ཐེ་གོར་སྡོད་པའམ་བྱ་བ་བྱེད་པའི་ཁམ་ཕུ་ཀྲེའི་སྤྱི་དམངས་ཀྱིས་མུ་མཐུད་དུ་ཐེ་གོ་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་ནས་བྱ་བ་བྱེད་དགོས་པའི་གྲོས་གཞི་བཏོན། དེའི་ཞོར་དུ་མིག་སྔར་ཁམ་ཕུ་ཀྲེ་རུ་སྡོད་པའམ་བྱ་བ་བྱེད་པའི་ཐེ་གོའི་སྤྱི་དམངས་དག་ཀྱང་ཁམ་ཕུ་ཀྲེ་ནས་སྡོད་དགོས་པའི་གྲོས་གཞི་བཏོན་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རག་བར་དུ་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།