
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། ཝུའུ་ཁོ་ལན་གྱི་གྲོས་ཁང་གི་གྲོས་མི་ཚང་མས་མི་འགྱངས་པར་སྤེལ་སྲིད་པའི་འདེམ་བསྐོ་ལ་གྲ་སྒྲིག་བྱེད་དགོས་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཆེས་གལ་ཆེ་བ་ནི་ངས་སྲིད་འཛིན་གྱི་ལས་གནས་དེ་མཁྲེགས་འཛིན་བྱེད་མི་སྲིད། ངས་བལྟས་ན་ཝུའུ་ཁོ་ལན་གྱིས་འགྱུར་ལྡོག་གང་རུང་ལ་གདོང་གཏོད་པར་གྲ་སྒྲིག་བྱེད་དགོས་པར་འདོད་ཟེར། ཁོས་བཤད་རྒྱུར། གྲོགས་པོ་དག་གིས་འདེམ་བསྐོའི་བདེ་འཇགས་འགན་སྲུང་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། ཁོས་ད་རུང་ཝུའུ་ཁོ་ལན་གྲོས་ཁང་གི་གྲོས་མི་ཚང་མས་མི་འགྱངས་པར་སྤེལ་སྲིད་པའི་འདེམ་བསྐོ་ལ་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་བརྡ་བཏང་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོར་ཨ་མེ་རི་ཁ་དང་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཝུའུ་ཁོ་ལན་གྱི་སྲིད་འཛིན་འདེམ་བསྐོའི་སྐོར་གྱི་བརྡ་འབྱོར་ཡོད་པ་དང་། བརྡ་དེ་ཨ་མེ་རི་ཁ་དང་ཨུ་རུ་སི་གང་ནས་ཡོང་བ་ཡིན་ཡང་། ངས་དེར་གདེང་འཇོག་བྱེད་འདོད་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།