
ཨ་མེ་རི་ཁའི་སྨྱན་བྱད་མང་བོས་ཚེས15ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཝུའུ་ཁོ་ལན་གྱི་འཇར་མན་པའོ་ལིན་གྱི་གྲོས་མོལ་ལས་ཝུའུ་ཁོ་ལན་གྱི་བདེ་འཇགས་འགན་སྲུང་གྲོས་གཞིའི་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། མངའ་ཁོངས་གནད་དོན་ཐད་སྔར་བཞིན་འགལ་བ་ཡོད་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་ཀྱི་དོན་ཚན་ལྔ་བའི་ཐུན་མོང་འགོག་སྲུང་གི་ནང་དོན་དང་མཚུངས་པའི་བདེ་འཇགས་འགན་སྲུང་གྲོས་མཐུན་འགོད་ལ་ཉེ་ཟེར། བཅར་འདྲི་དང་ལེན་བྱས་པའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་གྲོས་གཞི་བརྒྱ་ཆའི་དགུ་བཅུར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཀྱང་། མངའ་ཁོངས་གནད་དོན་ནི་དཀའ་གནད་ཅིག་ཡིན་པ་དང་། གནད་དོན་དེ་མཇུག་མཐར་ཝུའུ་ཁོ་ལན་དང་ཨུ་རུ་སི་ཡིས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཝུའུ་ཁོ་ལན་གྱི་བདེ་འཇགས་འགན་སྲུང་གི་འབྲེལ་ཡོད་གྲོས་མཐུན་ལ་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཆོག་མཆན་ཐོབ་དགོས་ཀྱང་། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ནན་བཤད་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁོ་ལན་ལ་བདེ་འཇགས་འགན་སྲུང་བྱེད་པ་དེ་དུས་ནམ་ཡང་ཡོད་པ་ཞིག་མིན་ཟེར།
ཨ་མེ་རི་ཁ་དང་ཝུའུ་ཁོ་ལན་གྱི་འཐུས་ཚབ་ཚོགས་པས་གཟའ་འཁོར་འདིའི་ནང་མེད་ཨ་མུས་དང་ཡང་ན་ཨ་མེ་རི་ཁའི་གྲོང་ཁྱེར་གཞན་པར་གྲོས་མོལ་བྱེད་ཀྱང་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།