
ཐང་ཀའི་གྲོས་ཁང་གིས་ཚེས15ཉིན་དབུ་བཞུགས་བློན་ཆེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། གྲོས་དཔོན་ཧྥ་ཁཱ་ཧྥ་ནོའུ་ཨ་དབུ་བཞུགས་བློན་ཆེན་གསར་ར་བསྐོ་འཇོག་བྱས།
ཐང་ཀའི་ནོའུ་ཁུའུ་ཨ་ལོ་ཧྥ་རྒྱང་སྒྲོག་ཁང་གིས་བསྒྲགས་པ་ལྟར་ན། ཧྥ་ཁཱ་ཧྥ་ནོའུ་ཨ་ལ་ཉིན་དེའི་འདེམ་བསྐོའི་ཁྲོད་འདེམ་ཤོག61ཐོབ་པ་དང་། ཁོའི་འགྲན་ཡ་ད་ལྟའི་དབུ་བཞུགས་བློན་ཆེན་ཨེ་ཁའེ་ཕམ་པར་བྱས་ཏེ་བདེ་བླག་ངང་བདམས་ཐོན་བྱུང་བ་རེད་ཟེར།
ཐང་ཀའི་གྲོས་ཁང་ནི་གླིང་གཅིག་ལམ་ལུགས་ཡིན་པ་དང་། བསྡོམས་པས་གྲོས་མི26ཡོད་ལ། ལོ་བཞིའི་ནང་འདེམ་བསྐོ་ཐེངས་རེ་བྱེད་བཞིན་ཡོད།
ཧྥ་ཁཱ་ཧྥ་ནོའུ་ཨ་ནི་ད་ལོར་ལོ40ཡིན་པ་དང་། 2017ལོའི་ཚུན་ལ་ཐང་ཀའི་གྲོས་དཔོན་གྱི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།