
ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས15ཉིན་ཁྱབ་བསྒྲགས་བྱས་དོན། སྐབས་གསར་བའི་རྒྱལ་ཚོགས་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་དེ2026ལོའི་ཟླ2པའི་ཚེས8ཉིན་སྤེལ་རྒྱུ་ཡིན་ཟེར།
འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། སྲིད་ཏང་སོ་སོས་ཟླ12པའི་ཚེས28ཉིན་ནས་ཚེས31ཉིན་བར་རང་རང་གི་ཙུང་ལིའི་འདེམ་སྒུག་མི་སྣའི་མིང་ཐོ་སྤྲོད་དགོས་ཟེར།
ཐེ་གོའི་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་གིས་ཚེས12ཉིན་གྱི་ཞོགས་པར་ཙུང་ལི་ཨ་ནོའུ་ཐིན་གྱི་རེ་ཞུ་དང་ལེན་བྱས་ཏེ། རྒྱལ་ཚོགས་གྲོས་ཁང་ཞོ་མ་གཏོར་ནས་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་གསར་དུ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། ཁོའི་བཀའ་རྒྱ་ལས་བསྟན་དོན། རྒྱལ་ཚོགས་གྲོས་ཁང་ཞོལ་མ་གཏོར་བའི་བཀའ་རྒྱ་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་ནུས་ལྡན་དུ་འགྱུར་སྲིད་ལ། གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཉིན་མོ་དེ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྗེས་ནས་ཁྱབ་བསྒྲགས་བྱེད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།