ཙེ་ལིན་སི་ཅི་ཡིས་ཨ་མེ་རི་ཁའི་བར་གྱི་པའོ་ལིན་གྱི་གྲོས་མོལ་དེ་རྙོག་འཛིང་དང་དཀའ་ཁག་ཆེ་བ་ཞིག་ཡིན་ཡང་ཕན་འབྲས་བཟང་བོ་ཐོབ་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས15ཉིན་བསྟན་དོན། ཝུའུ་ཁོ་ལན་དང་ཨ་མེ་རི་ཁས་ཉེ་བའི་ཉིན་གཉིས་རིང་པའོ་ལན་ནས་སྤེལ་བའི་གྲོས་མོལ་དེ་རྙོག་འཛིང་དང་དཀའ་ཁག་ཆེ་བ་ཞིག་ཡིན་ཡང་ཕན་འབྲས་བཟང་བོ་ཐོབ་ཡོད་ལ། མུ་མཐུད་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཐབ་འཁྲུག་མཇུག་སྒྲིལ་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཉིན་དེར་འཇར་མན་གྱི་ཙུང་ལི་མའོ་ཚི་དང་མཉམ་དུ་སྐབས་བརྒྱད་པའི་འཇར་མན་དང་ཝུའུ་ཁོ་ལན་གྱི་དཔལ་འབྱོར་གླེང་སྟེགས་ལ་ཞུགས། ཁོས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཞི་བདེ་ནི་དྲང་བདེན་ཡིན་དགོས་པ་དང་། ཝུའུ་ཁོ་ལན་གྱི་ལ་རྒྱ་གལ་འགངས་ཆེ། ཝུའུ་ཁོ་ལན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་ཐེངས་འདིའི་གྲོས་མོལ་ལ་ཡུན་རིང་བས་བྱེ་བྲག་གི་ནང་དོན་མང་བོར་གྲོས་བསྡུར་བྱས་ཆོག་ཟེར།

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཝུའུ་ཁོ་ལན་གྱིས་རང་དབང་དང་བདག་དབང་ཡོད་པ་སྲུང་འཛིན་བྱས་ན། ད་གཟོད་ཡོ་རོབ་གླིང་གིས་རྒྱུན་མཐུད་ཀྱི་ཞི་བདེ་གསར་སྐྲུན་བྱེད་ཐུབ་ཟེར།

ཙེ་ལིན་སི་ཅི་ཡིས་ཉིན་དེའི་སྔ་དྲོར་འཇར་མན་གྱི་སྲིད་འཛིན་ཧྲི་ཐེ་ཡུན་མེད་ཨར་དང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁི་ལེ་ཁི་ནཱ་གཉིས་དང་གྲོས་མོལ་བྱས། ཉིན་དེའི་དགོང་མོར་ཁོས་ད་རུང་མའོ་ཚི་སོགས་ཡོ་རོབ་གླིང་གི་འགོ་ཁྲིད་པ་གཞན་པ་དང་གྲོས་མོལ་བྱས་ཟེར།

འཇར་མན་གསར་འགྱུར་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། འཇར་མན་སྲིད་གཞུང་གིས་ཉིན་དེར་ཝུའུ་ཁོ་ལན་བར་གྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་འཆར་གཞི་ཞིག་ལ་གྲོས་མཐུན་བཀོད་པ་དང་། པའོ་ལན་དུ་ཝུའུ་ཁོ་ལན་གྱི་དམག་དོན་བཟོ་ལས་ཐོན་ལས་འབྲེལ་གཏུག་ཁང་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཡི་དུས་བཅད་དམག་ཆས་སྲིད་ཇུས་ཀྱི་མཐོ་རིམ་གྲོས་མོལ་བྱེད་པ། ཝུའུ་ཁོ་ལན་གྱིས་འཇར་མན་ནས་རང་བདག་གསར་སྤེལ་བྱས་པའི་འཐབ་འཛིང་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་པ་སོགས་འདུས་ཡོད་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།