མའོ་ཞི་ཁོའི་སྲིད་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མའོ་ཞི་ཁོའི་སྲིད་འཛིན་ཞིན་པའོ་མུའུ་ཡིས་ཚེས17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།

ཞིན་པའོ་མུའུ་ཡིས་ཉིན་དེར་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མའོ་ཞི་ཁོ་ཡིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རྣམ་པ་གང་རུང་གིས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིསི་འགན་འཁྲི་ལག་བསྟར་བྱས་ཏེ། ཁྲག་བཞུར་དོན་རྐྱེན་གང་རུང་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས16ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་ད་ལྟའི་སྲིད་གཞུང་དེ་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་པ་དང་། ཁོས་ཉིན་དེར་བཀའ་རྒྱ་བཏང་སྟེ་ཝེ་ནེ་ཙུའེ་ལཱར་འགྲོ་འོང་བྱེད་པའི་སྣུམ་འདྲུད་གྲུ་གཟིངས་ཚང་མར་བཀག་སྡོམ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།