
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས29ཉིན2026ལོའི་ལོ་གསར་བའི་ཞུ་ཚིག་ཕུལ་ནས། རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་ལོ་གསར་བའི་ནང་མི་དམངས་དང་སའི་གོ་ལ་གདམ་གསེས་བྱེད་དགོས་པ་ལས་དཀའ་སྡུག་གདམ་མི་རུང་བའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིའི་རིགས་ཀྱི་ལོ་གསར་བ་ཚེས་པའི་སྐབས་སུ། འཛམ་གླིང་དེ་བཞི་མདོ་ཞིག་ཏུ་གནས་ཡོད་ཅིང་། རྙོག་འཛིང་དང་གཏན་འཇགས་མིན་པའི་སྣང་ཚུལ་མང་བ་དང་། ཁ་བྲལ་དང་དྲག་ཤུགས། ནམ་ཟླའི་ཉམས་ཉེན། དེ་མིན་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མ་ལག་ལྡན་པར་རྡོག་བརྫིས་བཏང་ཡོད་ལ། མིའི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་གཞི་རྩའི་རྩ་དོན་དང་རྒྱབ་འགལ་དུ་འགྲོ་བཞིན་ཡོད་ཟེར།
ཁོས་བསྟན་དོན། 2024ལོར་གོ་ལ་ཧྲིལ་བོའི་འགྲོ་སོང་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བདུན་ལ་འཕར་བ་དང་། བརྒྱ་ཆའི་བཅུ་ཙམ་འཕར་ཡོད་ལ། ཨ་ཧྥེ་རི་ཁ་གླིང་ཧྲིལ་བོའི་དཔལ་འབྱོར་གྱི་སྤྱི་གྲངས་དང་མཚུངས། དེའི་ཞོར་དུ་གོ་ལ་ཧྲིལ་བོའི་འཁྲུག་རྩོད་ཀྱི་ཛ་དྲག་གི་ཚད་དེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཚུན་གྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབས་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་གསར་བའི་ནང་གཙོ་ཕལ་དལ་བྲེལ་གསལ་བོར་ཤེས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། སྔར་ལས་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་འཛུགས་པར་དབུལ་སེལ་ཐད་འགྲོ་སོང་སྔར་ལས་མང་བོ་གཏོང་དགོས་པ་ལས་འཐབ་འཁྲུག་སློང་བ་མ་ཡིན། འཛམ་གླིང་དུ་མི་རྣམས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་སའི་གོ་ལ་སླར་གསོ་བྱེད་པ། དེ་མིན་ཞི་བདེ་དང་དྲང་བདེན་གྱི་མ་འོངས་པར་འགན་སྲུང་བྱེད་པའི་ཐོན་ཁུངས་འདང་ཚིམས་པ་ཡོད་ལ། མིའི་རིགས་ཀྱི་མ་འོངས་པ་དེ་ཐུན་མོང་འགུལ་སྐྱོད་ཀྱི་བློ་སྤོབས་ལ་རག་ལས་ཡོད་ཟེར།
ཁོས་མི་ཚང་མས་ལོ་གསར་བའི་ནང་དྲང་བདེན་དང་མིའི་རིགས། ཞི་བདེ་བཅས་ཀྱི་ཆེད་དུ་ལག་རྡང་སྦྲེལ་ནས་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།