
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཟླ12པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གིས་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་མང་བོ་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་བཀག་འགོག་བྱས་པར་རྒོལ་གཏམ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་གྱིས་ཁྲིམས་འགལ་སྒོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཚོད་འཛིན་བྱེད་པའི་བྱེད་ཐབས་གསར་བ་ཞིག་ཡིན་པ་དང་། དེའི་སྔོན་དབྱི་སི་རལ་གྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་བྱ་བ་སྤེལ་བར་བཀག་འགོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་གཞན་པ་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་བཀག་འགོག་མང་དུ་བྱེད་པའི་སྐབས་སུ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་དཔུང་འཇུག་བྱས་པ་རེད་ཟེར།
གསལ་སྒྲོག་ལས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དག་གིས་བྲེལ་མྱུར་བྱེད་ཐབས་སྤྱོད་དགོས་པའི་སྐུལ་མ་བཏང་བ་དང་། དབྱི་སི་རལ་གྱིས་མྱུར་མོར་རོགས་སྐྱོར་དངོས་རྫས་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དུ་འཇུག་དགོས་པའི་རེ་བ་བཏོན། གསལ་སྒྲོག་ལས་དབྱི་སི་རལ་གྱི་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཉིན་རྒྱུན་འཚོ་བའི་མཁོ་དངོས་ཀྱི་མཁོ་འདོན་ལ་འགན་སྲུང་བྱས་ཏེ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བར་ཆོག་མཆན་འགོད་དགོས་པའི་དྲན་སྐུལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།