
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས3ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། ཕྱོགས་སོ་སོས་རང་ཚོད་བཟུང་སྟེ། གནས་ཚུལ་ཅི་འདྲ་བྱུང་ཡང་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁཱ་ལཱ་སི་ཡིས་བཤད་རྒྱུར། ཁོ་མོས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་དེ་མིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞུང་ཚབ་ཆེན་མོར་ཁ་པར་བཏང་ཡོད་ཟེར། ཁོ་མོས་ད་རུང་ནན་གྱིས་བསྟན་དོན། ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་བདེ་འཇགས་ལ་འགན་སྲུང་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་འགན་གཙོ་བོ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།