ཨུ་རུ་སིས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་བདག་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས3ཉིན་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་གཞོན་པའམ་རྡོ་སྣུམ་པུའུ་ཀྲང་ལོ་ཏི་ལི་ཀི་སི་ལ་ཁ་པར་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱར་དྲག་ཆས་བཙན་འཛུལ་ཐེབས་པའི་ཐད་ནས་ཨུ་རུ་སིས་བློ་བརྟན་འགྱུར་མེད་ཀྱིས་ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། མུ་མཐུད་དུ་ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་བསྟན་དོན། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་ཝེ་ནེ་ཙུའེ་ལཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་པ་བསྐྱར་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།