ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་འགུལ་སྐྱོད་སྤེལ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་འགལ་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་ཚེས3ཉིན་བསྟན་དོན། ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་འཛིན་བཟུང་བྱས་པའི་དམག་དོན་འགུལ་སྐྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་དྲག་ཤུགས་མི་བཀོལ་བའི་རྩ་དོན་དང་འགལ་ཡོད་ཟེར།

པཱ་ལོ་ཡིས་ནན་གྱིས་བསྟན་དོན། ཡུན་རིང་བའི་ཆབ་སྲིད་ཐག་གཅོད་ཇུས་གཞི་གང་ཡིན་ཡང་ཕྱི་ཕྱོགས་ནས་གནོན་ཤུགས་སྟེར་མི་རུང་བ་དང་། བདག་དབང་ཡོད་པའི་མང་ཚོགས་ལ་ཁོ་ཚོའི་མ་འོངས་པ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཟེར། ཧྥ་རན་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། སྒྲིག་ཡིག་དེ་ལས་མུ་མཐུད་དུ་རྒྱལག་ཁབ་སོ་སོའི་དུས་དང་གནས་གང་རུང་གི་རྒྱལ་སྤྱིའི་འགུལ་སྐྱོད་ལ་མཛུབ་སྟོན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།