ཨུ་རུ་སི་ཡིས་ཨ་མེ་རི་ཁས་མཱ་ཏུའུ་ལོ་བཟའ་ཟླ་གཉིས་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་དང་ཁོའི་ལྕམ་མོ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། མཱ་ཏུའུ་ལོ་དང་ཁོའི་ལྕམ་མོ་ཨ་མེ་རི་ཁར་ཡོད་པ་བདེན་དཔང་བྱས་རྗེས། ཨུ་རི་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་འགོ་ཁྲིད་པས་ཡང་བསྐྱར་ལངས་ཕྱོགས་ལ་བསམ་བློ་བཏང་སྟེ། ཁྲིམས་མཐུན་འདེམ་བསྐོ་ལས་བདམས་ཐོན་བྱུང་བའི་བདག་དབང་རྒྱལ་ཁབ་ཀྱི་སྲིད་འཛིན་མཱ་ཏུའུ་ལོ་དང་ཁོའི་ལྕམ་མོ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ནན་གྱིས་བསྟན་དོན། གྲོས་མོལ་ལ་བརྟེན་ནས་ཨ་མེ་རི་ཁ་དང་ཝེ་ནེ་ཙུའེ་ལཱའི་བར་གྱི་གནད་དོན་གང་རུང་ཐག་གཅོད་བྱེད་པར་ངེས་པར་དུ་ཆ་རྐྱེན་བསྐྲུན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།