ཨ་མེ་རི་ཁས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དེ་ས་ཁུལ་གྱི་གནས་བབ་ཐད་ནས་རྙོག་དྲ་བཟོས་པ་དང་གཅིག་འདྲ་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱི་བློན་འདོན་པ་ལཱ་ལི་ཅཱ་ནེ་ཡིས་ཚེས2ཉིན་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དེ་ས་ཁུལ་ཧྲིལ་བོའི་གནས་བབ་ཐད་རྙོག་དྲ་བཟོས་པ་དང་གཅིག་འདྲ་ཡིན་ལ། རང་སྟེང་གི་ཁེ་ཕན་ལའང་གནོད་པ་བཟོས་ཡོད་ཟེར།

ལཱ་ལི་ཅཱ་ནེ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉེ་སྔོན་གྱི་གནས་ཚུལ་དང་དབྱི་སི་རལ་གྱི་དཔོན་རིགས་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་འབྲེལ་ཡོད་གཏམ་བཤད་ལ་དབྱི་ལིང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ལཱ་ལི་ཅཱ་ནེ་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དེ་ས་ཁུལ་ཧྲིལ་བོའི་གནས་བབ་ཐད་རྙོག་དྲ་བཟོ་བ་དང་གཅིག་འདྲ་ཡིན་ལ། ཞོར་དུ་རང་སྟེང་གི་ཁེ་ཕན་ལའང་གནོད་སྐྱེལ་བཞིན་པ་གསལ་བོར་ཤེས་དགོས་ཟེར། ཁོས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་སྔོན་ལ་ཉེན་ཁའི་བྱ་སྤྱོད་དེ་འདྲ་ལག་ཏུ་བསྟར་བ་ཡིན་པས། ཁོ་ཚོས་རང་ཉིད་ཀྱི་དམག་མིར་ཡིད་ཆེས་བྱེད་བཞིན་ཡོད་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།