
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས3ཉིན་བཤད་རྒྱུར། ཨ་མེ་རི་ཁས་བདེ་འཇགས་བར་བརྒལ་བྱེད་རག་བར་དུ་ཨ་མེ་རི་ཁར་དོ་དམ་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་གཞིས་ཀ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་བདེ་འཇགས་དང་ལུགས་མཐུན་གྱིས་བར་བརྒལ་བྱེད་རག་བར་དུ་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་དོ་དམ་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ད་རུང་བསྟན་དོན། གལ་ཏེ་དགོས་གལ་ཡོད་ན་ཨ་མེ་རི་ཁས་གཞི་རྒྱ་སྔར་ལས་ཆེ་བའི་འཇབ་རྒོལ་སྤེལ་རྒྱུ་ཡིན་པ་དང་། དཔུང་འཇུག་ཐེངས་གཉིས་པ་སྤེལ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།