ཅིན་ཀྲིན་ཨིན་གྱིས་ཕྱི་རྒྱལ་དུ་ཡོད་པའི་འཐབ་འཛིང་དམག་དཔུང་ལ་ལོ་གསར་བའི་རྟེན་འབྲེལ་གློག་འཕྲིན་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཟླ་དང་པོའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས2025ལོའི་ཟླ12པའི་ཚེས31ཉིན་ཕྱི་རྒྱལ་དུ་ཡོད་པའི་འཐབ་འཛིང་དམག་དཔུང་ལ་ལོ་གསར་བའི་རྟེན་འབྲེལ་གློག་འཕྲིན་བཏང་།

གློག་འཕྲིན་ལས་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ། ཕྱི་རྒྱལ་དུ་ཡོད་པའི་འཐབ་འཛིང་དམག་དཔུང་གི་སྤྱིའི་བཀོད་འདོམ་པ་ཚང་མར་ལོ་གསར་བའི་འཚམས་འདྲི་བྱས་ཟེར།

གློག་འཕྲིན་ལས་བཤད་རྒྱུར། ཁྲའོ་ཞན་དུ་ལོ་གསར་བའི་དགའ་སྟོན་རྟེན་འབྲེལ་གྱི་སྣང་ཚུལ་གྱིས་ཡོངས་སུ་ཁྱབ་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་འཐབ་འཛིང་དམག་དཔུང་གིས་ཀྱང་རྒྱལ་ཁབ་གཞན་པའི་གཡུལ་ས་བརྟན་སྲུང་བྱས་ཏེ། དཔའ་མཛངས་འཐབ་འཁྲུག་ལ་བརྟེན་ནས་ཁྲའོ་ཞན་གྱི་ལ་རྒྱ་དང་མཚན་སྙན་སྲུང་ཡོད་ཟེར།

གློག་འཕྲིན་ལས་བཤད་རྒྱུར། ཕྱི་རྒྱལ་དུ་ཡོད་པའི་འཐབ་འཛིང་དམག་དཔུང་དག་རང་སྲོག་བློས་གཏོང་བར་མི་འཛེམ་པའི་འབད་འཐབ་དབང་གིས་ཁྲའོ་ཞན་དང་ཨུ་རུ་སིའི་བར་གྱི་འཐབ་འཛིང་མཛའ་བརྩེ་དང་མནའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་སོང་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕྱི་རྒྱལ་དུ་འཐབ་འཛིང་བྱེད་པའི་དམག་དཔུང་གིས་ཟོལ་མེད་ཀྱིས་ལས་འགན་ཡོངས་འགྲུབ་བྱས་ཏེ་བདེ་འཇགས་ངང་རྒྱལ་ནང་དུ་ལོག་པའི་སྨོན་འདུན་ཞུ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།