ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཙན་འཛུལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་ངད་། དེ་ནི་བདག་དབང་ལ་གནོད་པ་ཚབས་ཆེན་བཟོས་པའི་བྱ་སྤྱོད་ཅིག་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་གང་འདོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་སྤེལ་བ་རེད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བསྟན་དོན། དོན་རྐྱེན་དེ་ལས་ཨ་མེ་རི་ཁའི་གདུག་རྩུབ་བདེན་དཔང་བྱས་ཡོད་ཅིང་། ཝེ་ནེ་ཙུའེ་ལཱའི་མིག་སྔའི་གནས་བབ་ཚབས་ཆེན་དེ་ཨ་མེ་རི་ཁས་བཙན་འཛུལ་བྱ་སྤྱོད་སྤེལ་བ་ལས་བཟོས་པ་ཡིན་ལ། དེས་མ་གཞི་ནས་ཉམས་ཞན་ཡིན་པའི་ས་ཁུལ་གྱི་གནས་བབ་སྔར་ལས་གཏན་འཇགས་ཡོང་དཀའ་བར་བྱས་ཡོད་ཟེར།

མགྲིན་ཚབ་པ་དེས་ད་རུང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་མིག་སྔའི་གནས་བབ་ཀྱི་ཚབས་ཆེན་རང་བཞིན་ལ་ངེས་ཤེས་རྙེད་དགོས་པ་དང་། ཨ་མེ་རི་ཁའི་རྒྱལ་ཁབ་གཞན་པའི་བདག་དབང་ལ་གནོད་པ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་དང་དེར་རྒོལ་གཏམ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།