
ཡེ་མིན་ཤར་ཕྱོགས་ཀྱི་མེད་ཧི་ལཱ་ཞིང་ཆེན་གྱི་བདེ་འཇགས་དཔོན་རིགས་ཤིག་གིས་ཚེས4ཉིན་གསར་འགོད་པར་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་འཐབ་འཛིང་གནམ་གྲུས་ཚེས4ཉིན་ཞིང་ཆེན་དེར་བར་སྣང་འཇབ་རྒོལ་བྱས་ཟེར།
དཔོན་རིགས་དེས་བཤད་རྒྱུར། བར་སྣང་འཇབ་རྒོལ་གྱི་དམིགས་འབེན་ནི་མེད་ཧི་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀའེ་ཏཱ་ཡི་དམག་དོན་རྟེན་གཞི་ཞིག་ཡིན་པ་དང་། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དམག་དཔུང་དག་ཚེས4ཉིན་མེད་ཧི་ལཱ་ཞིང་ཆེན་ནས་ཡཱ་ཏེན་དུ་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་ཡོད། མིག་སྔར་བར་སྣང་འཇབ་རྒོལ་གྱི་འབྱུང་རྐྱེན་གསལ་བོར་མི་ཤེས་ལ། བསྒྲགས་པ་ལྟར་ན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དམག་དཔུང་སྐོར་ཞིག་མེད་ཧི་ལཱ་ཞིང་ཆེན་ནས་ཕྱིར་འཐེན་བྱེད་པར་ཁས་ལེན་མ་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།