
ཁམ་ཕུ་ཀྲེའི་མཐའ་མཚམས་ལས་དོན་གྱི་རྒྱལ་སྲིད་དྲུང་ཡིག་ཁྲུའུ་ཡིས་ཚེས5ཉིན་གསར་འགྱུར་མ་ཡིག་སྤེལ་ཏེ། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཡང་བསྐྱར་ཐེ་གོར་ཟླ་འདིའི་གཟའ་འཁོར་གཉིས་པའམ་གཟའ་འཁོར་གསུམ་པར་ཁམ་ཕུ་ཀྲེའི་ཞན་ལི་ཞིང་ཆེན་དུ་ཁམ་ཕུ་ཀྲེ་དང་ཐེ་གོའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། རྒྱལ་མཚམས་དགར་བའི་བྱ་བར་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན།
གསར་འགྱུར་མ་ཡིག་ལས་བཤད་རྒྱུར། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཚེས5ཉིན་ཐེ་གོ་ལ་འཕྲིན་ཡིག་བསྐུར་ཏེ། ཟླ་འདིའི་གཟའ་འཁོར་གཉིས་པའམ་གཟའ་འཁོར་གསུམ་པར་ཞན་ལི་ཞིང་ཆེན་ནས་ཁམ་ཕུ་ཀྲེ་དང་ཐེ་གོའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་བསྡུས་ནས་རྒྱལ་མཚམས་དགར་བའི་བྱ་བར་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཐེ་གོའི་དམག་དཔུང་གིས་ཁམ་ཕུ་ཀྲེའི་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བ་དང་བདག་དབང་གནད་དོན་ཐག་གཅོ་བྱེད་དགོས་པའི་གྲོས་གཞི་བཏོན།
ཁམ་ཕུ་ཀྲེའི་མཐའ་མཚམས་ལས་དོན་གྱི་རྒྱལ་སྲིད་དྲུང་ཡིག་ཁྲུའུ་ཡིས2025ལོའི་ཟླ12པའི་ཚེས29ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁམ་ཕུ་ཀྲེ་ཡིས2026ལོའི་ཟླ་དང་པོའི་གཟའ་འཁོར་དང་པོར་ཞན་ལི་ཞིང་ཆེན་ནས་ཁམ་ཕུ་ཀྲེ་དང་ཐེ་གོའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན། ཐེ་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནེ་ཁང་ཏི་ཡིས་ཟླ12པའི་ཚེས30ཉིན་བསྟན་དོན། མིག་སྔར་ཐེ་གོའི་སྲིད་གཞུང་དེ་ལྟ་སྐྱོང་རྣམ་པར་ཡོད་པ་དང་། མཐའ་མཚམས་ས་ཁུལ་དུ་བཞིན་ས་འོག་འགད་རྫས་ཡོད་པས་ད་རུང་བདེ་འཇགས་མིན་པར་དམིགས་ནས། ཐེ་གོ་ཕྱོགས་ཀྱིས་གནས་སྐབས་སུ་ཐེ་གོ་དང་ཁམ་ཕུ་ཀྲེའི་མཉམ་འབྲེལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་བསྡུ་ཐབས་མེད་པར་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།