ཨ་མེ་རི་ཁ་དང་བླངས་མནའ་འབྲེལ་གྱི་གྲོས་ཚོགས་ལ་ཞུགས་ནས་གཙོ་བོ་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་ལ་གྲོས་བསྡུར་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་གཉིས་ཚེས6ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་འཚོག་རྒྱུ་ཡིན་པའི་དང་བླངས་མནའ་འབྲེལ་གྱི་གྲོས་ཚོགས་ལ་ཞུགས་ཏེ། གཙོ་བོ་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་བྱ་བར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་བདེ་འཇགས་མཐོ་རིམ་གྲོས་ཚོགས་ནས་གཙོ་བོ་མ་འོངས་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མཐུན་ཁྲོད་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པའི་ནང་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་བཅས་པའི་ཡོ་རོབ་གླིང་དང་ནུབ་ཕྱོགས་རྒྱལ་ཁབ30ཙམ་གྱི་འགོ་ཁྲིད་པ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་དེ་དག་གིས་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་འདོད་ཡོད་ཟེར་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།