
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཚབ་མ་ལོ་ཏི་ལི་ཀི་སི་ཡིས་ཚེས5ཉིན་གྱི་ཕྱི་དྲོར་ཝེ་ནེ་ཙུའེ་ལཱའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནས་དམ་བཅའ་བཞག་སྟེ་གནས་སྐབས་སྲིད་འཛིན་གྱི་འགན་ཁུར།
ལོ་ཏི་ལི་ཀི་སི་ཡིས་དམ་བཅའ་བཞག་སྟེ་བཤད་རྒྱུར། ང་རང་སྐྱོ་སྡུག་ཆེན་པོས་ཡོང་བ་ཡིན་ཡང་། ངའི་སེམས་སུ་གཟི་བརྗིད་ཅིག་ཏུའང་བསམ་ཆོག་ཆོག་ཡིན། ཝེ་ནེ་ཙུའེ་ལཱའི་མི་དམངས་ཡོངས་ཀྱི་མིང་ཐོག་ནས་དམ་བཅའ་བཞག་པ་ཡིན་ལ། ང་ཚོའི་བཅིངས་འགྲོལ་མཁན་ཞི་མིན་པའོ་ལེ་ཝ་ཨར་གྱི་མིང་ཐོག་ནས་དམ་བཅའ་འཇོག ངས་རང་ཉིད་ཀྱི་མཚན་སྙན་གྱིས་དམ་བཅའ་བཞག་པ་ཡིན། ངས་རང་ནུས་ཅི་ལྕོགས་ཀྱིས་ཝེ་ནེ་ཙུའེ་ལཱ་ཡང་བསྐྱར་སླར་གསོ་བྱེད་རག་བར་དུ་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།