དབྱི་སི་རལ་དང་སི་རི་ཡཱའི་བདེ་འཇགས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པའི་ཚུལ་བསྟན།
ཁུངས། 新华网 ཀློག་གྲངས།

 དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་ཚེས6ཉིན་དབྱི་སི་རལ་གྱི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། དབྱི་སི་རལ་དང་སི་རི་ཡཱའི་ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱིས་ཚེས5ཉིན་ཧྥ་རན་སིའི་ཕཱ་རེ་སི་ཐསན་གྲོས་མོལ་བྱས་པར་གྲོས་འབྲས་བཟང་བོ་ཐོབ་པ་དང་། ཕྱོགས་གཉིས་ཀྱིས་ཡིད་ཆེས་འཛུགས་པའི་བྱེད་ཐབས་ལ་གཅིག་གྱུར་གྲོས་འཆམ་བྱུང་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་དང་སི་རི་ཡཱའི་དཔོན་རིགས་ཀྱིས་ཚེས5ཉིན་ཕཱ་རེ་སི་ནས་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་སོགས་དང་གྲོས་མོལ་བྱས་རྗེས། གྲོས་མོལ་རབ་དང་རིམ་པ་སྤེལ་ནས་བདེ་འཇགས་གྲོས་མཐུན་ཞིག་འགོད་པར་སྐུལ་འདེད་གཏོང་བར་འཐད་པ་བྱུང་། དབྱི་སི་རལ་གྱི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་དམག་དོན་དྲུང་ཡིག་ཀི་ཧྥུའུ་མན་སོགས་ཐེངས་འདིའི་གྲོས་མོལ་ལ་ཞུགས་ཡོད་ཟེར།

མིག་སྔར་སི་རི་ཡཱའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

 

བསོད་ནམས་ཚེ་རིང་གིས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།