ཐེ་གོ་དང་ཁམ་ཕུ་ཁྲེའི་རྒྱལ་སྲུང་མགོ་འཛིན་གྱིས་དམག་འཁྲུག་མཚམས་འཇོག་པའི་གནད་དོན་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།
ཁུངས། ཀློག་གྲངས།

ཚེས27ཉིན།  ཐེ་གོ་དང་ཁམ་ཕུ་ཁྲེའི་རྒྱལ་སྲུང་པུའུ་ཀྲང་གཉིས་ཀྱིས་ཐེ་གོའི་ཅན་ཀྲུའུ་ཝུན་ཧྥུའུ་མཐའ་མཚམས་གྱི་འགག་སྒོ་རུ་དམག་འཁྲུག་མཚམས་འཇོག་པའི་གནད་དོན་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ས་གནས་དེའི་དུས་ཚོད10དང་སྐར་མ19ཙམ་གྱི་སྟེང་དུ། (པེ་ཅིང་གི་དུས་ཚོད11དང་སྐར་མ19ཙམ) ཐེ་གོའི་རྒྱལ་སྲུང་པུའུ་ཀྲང་ན་ཐ་ཧྥུན་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏི་ཞི་ཧ་གཉིས་ཀྱིས་འབྲེལ་ཡོད་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་མཐོང་བྱུང་ཟེར། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འཐུས་མི་ཚོགས་པ་རྒྱལ་མཚམས་ལས་བརྒལ་བའི་ཟམ་པ་བརྒྱུད་ནས་ཁམ་ཕུ་ཁྲེ་ཕྱོགས་སུ་ཕྱིར་ལོག

ཉིན་དེར་ན་ཐ་ཧྥུན་དང་ཏི་ཞི་ཧ་གཉིས་ཀྱིས་སོ་སོའི་ཚོགས་པའི་སྣེ་ཁྲིད་དེ་ཅན་ཀྲུའུ་ཝུན་ཧྥུའུ་པན་ཕ་ཅ་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་འབྱོར་བར་མ་ཟད།  མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་རིམ་པའི་ཚོགས་འདུ་བསྡུས། ཐེ་གོ་ཕྱོགས་ཀྱིས་ས་གནས་དེའི་ཉིན་གུང་གི་དུས་ཚོད11སྟེང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུ་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 

​ 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།