ཕྱི་འབྲེལ་པུའུ་ཡིས་ད་ལོའི་ལོ་ཧྲིལ་པོར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་བྱེད་སྒོ་ཐེངས600ཙམ་སྤེལ་རྒྱུ་ཡིན་པར་བཤད།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

​2026ལོའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོའི”མགོ་རྩོམ་མཛད་སྒོ་ཚེས8ཉིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་བསྡུས།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས9ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཏེ།  ད་ལོའི་ལོ་ཧྲིལ་པོར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས“མཛའ་བརྩེ་སྲ་བརྟན་དུ་བཏང་ནས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་གཉེར”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་བྱེད་པའི་བྱེད་སྒོ་ཐེངས600ཙམ་སྤེལ་རྒྱུ་ཡིན་ཞེས་བཤད།

མའོ་ཉིང་གིས་བསྟན་དོན། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོའི”བྱེད་སྒོ་སྤེལ་བ་ནི།  2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་གྲོས་ཐག་བཅད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཅིན་ཕིང་གིས“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོའི”མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས། ཕྱོགས་གཉིས་ཀྱིས“སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལོ”གོ་སྐབས་སུ་བརྩིས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་དང་། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ། མི་སྣའི་འགྲོ་འོང་དང་ལྷག་པར་དུ་གཞོན་ནུའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རེ་བ་བཏོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་བརྗེ་རེས་ལོའི་མགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཨ་ཧྥེ་རི་ཁ་ཕྱོགས་ཀྱི་སྐུ་མགྲོན་དང་མཉམ་དུ་བརྗེ་རེས་ལོའི་མཚོན་རྟགས་ཀྱི་ཡོལ་བ་ཕྱེས།

མའོ་ཉིང་གིས་བཤད་རྒྱུར། ད་ལོའི་ལོ་ཧྲིལ་པོར་ཕྱོགས་གཉིས་ཀྱིས་མཛའ་བརྩེ་སྲ་བརྟན་དུ་བཏང་ནས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་གཉེར་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་བྱེད་སྒོ་ཐེངས600ཙམ་གཉེར་ཏེ།  ཤེས་རིག་ཆེན་པོ་གཉིས་ཀྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ། དམངས་སེམས་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།