
ཉིན་འགའི་སྔོན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཐའེ་ཝན་གནད་དོན་སྐོར་གྱི་གཏམ་བརྗོད་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས9ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་ཝན་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་པས། ཐའེ་ཝན་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་བྱ་བ་ཡིན་པས་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་མི་ཆོག་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།